༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༡༠ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་དང་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་རྣམ་གཉིས་ཀྱིས་བོད་དང་། རྒྱ་གར་ནང་གི་བོད་མི་རྣམས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད། དེ་རྗེས་འཇིགས་མེད་ཚེ་རིང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་། བོད་དང་རྒྱ་ནག་གྱི་འབྲེལ་བ་གསལ་བའི་སློབ་དཔོན་ལའོ་ལགས་ཀྱི་དཔེ་དེབ་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པ་ཕྱག་རྟགས་སུ་ཕུལ་ཡོད།
ཐེངས་འདིའི་མཇལ་འཕྲད་ནི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་གོ་སྒྲིག་གནང་ཡོད་པ་བཅས།།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༨ ཉིན་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སོ་ཕི་སི་ཀེམ་སི་ (Dr Sophie Scamps) ལགས་ཀྱིས་རྒྱ་ནག་གི་བོད་ནང་གཞི་རྒྱ་ཆེ་བའི་ཆུ་མཛོད་གསར་རྒྱག་དང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་འབོད་སྐུལ་དང་འབྲེལ་ལས་གཞི་དེ་དག་ལ་སྟངས་འཛིན་མེད་ཚེ་ཁོར་ཡུག་དང་། ཆུའི་བདེ་འཇགས། དེ་བཞིན་ཨེ་ཤི་ཡའི་མི་ས་ཡ་མང་པོའི་འཚོ་ཐབས་ལ་དོ་ཕོག་བཟོ་བཞིན་པའི་ཉེན་བརྡ་བཏང་ཡོད།
དེ་ཡང་གྲོས་ཚོགས་འཐུས་མི་ལྕམ་སྐུ་སོ་ཕི་སི་ཀེམ་སི་ལགས་ཀྱིས་ཨོསྟྲེ་ལི་ཡའི་གྲོས་ཚོགས་ནང་ཉེ་ཆར་བོད་དང་བལ་ཡུལ་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་རྐྱེན་པས་ཚེ་སྲོག་ཤོར་བ་དང་། གནོད་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་གནང་ཡོད།
ཁོང་མོས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དང་འབྲེལ། བོད་མཐོ་སྒང་ངམ་ཡོངས་གྲངས་སུ་འཛམ་གླིང་གི་སྣེ་གསུམ་པར་ཉེན་ཁ་གསལ་སྟོན་གནང་ཞིང་། འཛམ་གླིང་གི་ཚ་དྲོད་འཕར་བ་དང་། འཁྱགས་རོམ་གྱི་གནས་སྟངས་འགྱུར་ལྡོག དེ་བཞིན་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་བཅས་ཀྱིས་ཆུ་ལོག་གི་ཆག་སྒོ་ཆེན་པོ་བྱུང་སྲིད་པ་དང་། དེས་ཉེ་འགྲམ་གྱི་མི་མང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད།
དེ་མཚུངས་ལྕམ་སྐུ་སོ་ཕི་སི་ཀེམ་སི་ལགས་ཀྱིས་བོད་ནང་དུ་ཆུ་མཛོད་འཛུགས་སྐྲུན་རྒྱ་བསྐྱེད་དང་། གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཐོག་དམིགས་བསལ་སེམས་འཚབ་བསྟན་པ་དང་སྦྲགས། ཁོང་མོས་བོད་ནང་དུ་ཆུ་མཛོད་ ༡༩༣ གསར་རྒྱག་ཟིན་པའི་གྲངས་ཐོ་བརྗོད་དེ་ལས་གཞི་དེ་དག་གིས་རྒྱ་གར་དང་ལྷོ་ཨེ་ཤི་ཡ་ཚུད་པའི་གཙང་པོ་འབབ་རྒྱུད་ཀྱི་ས་ཁུལ་དུ་ཆུ་དང་ཟས་ཀྱི་བདེ་འཇགས་ལ་དོ་ཕོག་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད།
ཁོང་མོས་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བོད་ནང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་རྒྱལ་སྤྱིའི་ཐོག་ནས་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་སྐོར་གསུངས་པ་དང་། གཞི་རྒྱ་ཆེ་བའི་ལས་གཞི་དེ་དག་མུ་མཐུད་སྤེལ་བར་ས་གནས་བོད་མི་ཚོར་འཛིན་བཟུང་དང་། ཉེས་ཆད། མནར་གཅོད་བཅས་ཀྱི་འཇིགས་སྣང་མེད་ཐོག་རང་དབང་དང་ཤེས་རྟོགས་ཡོད་པའི་ཆོག་མཆན་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱོར་གནང་ཡོད།
དེ་བཞིན་ཁོང་མོས་ཆུ་རུད་ཀྱི་གནས་ཚུལ་བྱུང་རྗེས་བོད་ནས་ཚུར་གནས་ཚུལ་འདོན་སྤེལ་ལ་བཀག་སྡོམ་བྱས་པ་སོགས་རང་དབང་ཅན་གྱི་གནས་ཚུལ་ཐོན་མེད་པ་མ་ཟད། གོད་ཆག་བྱུང་སའི་ས་ཁུལ་དེ་དག་ཏུ་མི་ཆོས་རོགས་སྐྱོར་ཚོགས་པ་དང་། མྱུར་སྐྱོབ་རུ་ཁག དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་ཚོའི་འགྲོ་བསྐྱོད་ལ་ཚད་བཀག་བྱེད་བཞིན་པར་སེམས་འཚབ་བསྟན་ཡོད།
གྲོས་ཚོགས་འཐུས་མི་ལྕམ་སྐུ་སོ་ཕི་སི་ཀེམ་སི་ལགས་ཀྱིས་ཨོསྟྲེ་ལི་ཡའི་སྲིད་བློན་སྐུ་ཞབས་ཨེན་ཊོ་ནི་ཨེལ་སྦ་ནི་སི་མཆོག་དང་། ཨོསྟྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་མཆོག་རྣམ་གཉིས་ལ་གནད་དོན་དེ་དག་ནིའུ་ཡོག་ཏུ་ཚོགས་འཆར་ཡོད་པའི་མཉམ་འབྲེལ་ཚོགས་ཀྱི་ཚོགས་འདུའི་ཐོག་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ལྕམ་སྐུ་སོ་ཕི་སི་ཀེམ་སི་ལགས་ཀྱིས། ད་ལྟ་ནི་བོད་ནང་བགྲོད་ལམ་དང་། ཕྱི་གསལ་ནང་གསལ། བོད་ནང་རྒྱ་ནག་གི་ཁོར་ཡུག་འགན་འཁྲི་དགོས་པའི་གནད་དོན་ཐོག་གླེང་སློང་བྱ་རྒྱུའི་དུས་ཚོད་ཡིན་པ་དང་། ཨོསྟྲེ་ལི་ཡའི་ངོས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། ཞེས་གསུངས།།
]]>
༄༅། །འདི་གར་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ལས་ཁང་ཉེ་འགྲམ་དུ་སུམ་མདོ་ནས་གྲོང་སྡེ་ ༤ བརྒྱུད་གཞིས་སྤྱི་༸རྒྱལ་བའི་ཕོ་བྲང་དང་། གྲོང་སྡེ་ ༨ བར་སྤྱི་ལེ་ ༢ ཙམ་གྱི་རིང་ཚད་དང་། དེ་བཞིན་བདེ་སླར་གྲོང་སྡེ་ ༡༠ དང་ ༡༡ བར་གྱི་གཞུང་ལམ་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པར་བརྟེན། བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་ནས་གཞུང་ལམ་ཡར་རྒྱས་སླད་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ལ་སྦེང་ལོར་མངའ་གཞུང་གྲོང་གསེབ་ཡར་རྒྱས་ལྷན་ཁང་ (Rural Development & Panchayat Raj) ལ་ལམ་བཟོའི་བཀའ་འཁྲོལ་ཐོན་ཐབས་རོགས་རམ་ཞུས་པ་ལྟར། ད་ཆ་ཧིན་སྒོར་འབུམ་ ༣༥༠ ཐམ་པ་ལམ་བཟོའི་བཀའ་འཁྲོལ་ཐོན་ཏེ། ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་གསུམ་མདོ་དང་རྩེད་ཐང་ཉེ་འགྲམ་ལམ་ཟུར་དུ་ལམ་བཟོའི་ལས་ཀ་འགོ་འཛུགས་ཀྱི་མཆོད་པ་དང་རབ་གནས་གོ་སྒྲིག་ཞུས་ཏེ། བདེ་སླར་ས་གནས་འགོ་འཛིན་ནས་གཙོ་བོ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། པེ་རི་ཡ་པཊ་ནའི་གྲོས་ཚོགས་འཐུས་མི་བེན་ཀ་ཀེཤ་ (Venkakesh, MLA) ལགས་ལའང་མཛད་སྒོར་ཕེབས་ཏེ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།།

| ལས་གནས། | ཀ༽ དགོས་ངེས་ཤེས་ཚད། | ལོ་ཚད་དང་གསོལ་ཕོགས། | དགོས་འདོད་ཆ་རྐྱེན། |
| རིག་གནས་དགེ་རྒན་དང་སྒྱུ་རྩལ་ཉམས་ཞིབ་ལས་རོགས་གཅིག་ལྕོགས། | ༡། བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་ཟིན་ཞིང་། གནས་རིམ་དང་པོའི་སློབ་གནས་ཚད་འཛིན་ཡོད་པ།
༢། དགེ་རྒན་འོས་སྦྱོང་ཡོད་པའམ་དེ་ལྟར་མེད་ཚེ་སློབ་ཁྲིད་ཉམས་མྱོང་ལོ་ལྔ་ལྷག་ཡོད་པ། |
རང་ལོ་ ༤༠ ནས་མ་བརྒལ་བ། རྩ་ཕོགས། ༢༧,༩༠༠།༠༠ |
༡། སློབ་ཁྲིད་ཉམས་མྱོང་ལོ་གཉིས་ལྷག་ཡོད་པ།
༢།བོད་ཀྱི་ཟློས་གར་སྒྱུ་རྩལ་རིག་གནས་ཐོག་སྤྲོ་སྣང་དང་གོ་རྟོགས་གང་ལེགས་ཡོད་པ། ༣།ཀམ་པུ་ཊར་སྦྱོང་བརྡར་ཡོད་པ། |
ཁ༽ གཤམ་གསལ་ཡིག་ཆ་ཁག་མཉམ་སྦྱར་དགོས།
༡། རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས།
༢། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར། ཡང་ན་འཛིན་རིམ་བཅུ་པའི་ཨང་ཤོག་ངོ་བཤུས།
༣། འཛིན་རིམ་བཅུ་པ་དང་བཅུ་གཉིས་པ། ཉེ་བའི་གཙུག་ལག་རམ་འབྱམས་པ། དགེ་རྒན་འོས་སྦྱོང་བཅས་ཀྱི་ཨང་ཤོག་དང་ལག་འཁྱེར།
༤། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ངོ་ཤོག་དང་པོ་དང་མཐའ་བཅས་འབུལ་བབ་གཙང་འབུལ་ཟིན་པའི་ངོ་བཤུས།
༥། ཚད་ལྡན་སྨན་ཁང་གང་རུང་ནས་ལུས་སེམས་བདེ་ཐང་ཡིན་པའི་ངོས་སྦྱོར།
༦། གལ་ཏེ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ཚོགས་སྡེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངེས་འབུལ་དགོས། དེ་མིན་ཚོགས་སྐྱིད་གང་དུའང་ལས་ཀ་བྱེད་མུས་མིན་པའི་ཁས་ལེན་ཡི་གེ་འབུལ་དགོས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ནས་ ༢༠༢༦ ཟླ་ ༩ ཚེས་ ༨ ལ།།
]]>| ལས་གནས། | ཀ༽དགོས་ངེས་ཤེས་ཚད། | ལོ་ཚད་དང་གསོལ་ཕོགས། | དགོས་འདོད་ཆ་རྐྱེན། |
| རྩིས་པའི་ལས་རོགས། | ༡། མཐོ་སློབ་ཚད་ལྡན་ཞིག་ནསརྩིས་རིག་ཐོག་ཉེ་བའི་གཙུག་ལག་རམ་འབྱམས་པའི་སློབ་ཐོན་ལག་འཁྱེར་ཐོག་ཉུང་མཐར་བརྒྱ་ཆ། ༦༠% ལོན་དགོས་པ། ༢། Tally མཉེན་ཆས་བཀོལ་སྤྱོད་བྱེད་མྱོང་ཡོད་པ།༣། Income tax, GST, FCRAའགྲོ་ལུགས་ཐོག་ཤེས་མྱོང་ཡོད་པ། ༤། ཀམ་པུ་ཊར་སྦྱོང་བརྡར་གྱི་ལག་འཁྱེར་ཡོད་པ། |
རང་ལོ་ ༤༠ ལས་མ་བརྒལ་བ། རྩ་ཕོགས། ༢༦,༦༠༠།༠༠ |
༡།སྤྱི་སྒེར་ཚོགས་སྡེའི་ནང་རྩིས་པའི་ལས་མྱོང་ཡོད་པ།
༢།ལོ་འཁོར་མཐའ་བསྡོམས་རྩིས་ཁྲ་བཟོ་འདོན་ཐུབ་པ། |
| Designation | Educational Qualification | Age limit and Salary | Desirable |
| Assistant Accountant | 1. Bachelor’s degree (B.com) Or at least 60% marks from a recognized college/university.
2. Well-equipped to work in tally software. 3. Experienced in handling Income tax, GST, FCRA Compliances. 3. Certificate in computer applications. 3. Well versed in Tibetan and English languages. |
Age Limit Not above 40 Basic pay – 26,600 |
1) At least two years of work experience in accounting.
2) Well-experienced and knowledgeable in preparing consolidated final financial statements. 3) Qualified in accounting and computer applications |
ཁ༽ མཉམ་སྦྱར་དགོས་པའི་ཡིག་ཆ་ཁག་གཤམ་གསལ། Attach the following documents with your application
༡། རང་ཉིད་ཀྱི་ལོ་རྒྱུས་སྙིང་བསྡུས། Updated C.V/Resume
༢། ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར། ཡང་ན་འཛིན་རིམ་བཅུ་པའི་ཨང་ཤོག་ངོ་བཤུས། Birth certificate OR Class X Mark sheet
༣། འཛིན་རིམ་བཅུ་པ་དང་བཅུ་གཉིས། ཉེ་བའི་གཙུག་ལག་རམ་འབྱམས་པའི་ཨང་ཤོག་དང་ལག་འཁྱེར། དགེ་རྒན་འོས་སྦྱོང་གི་ཨང་ཤོག་དང་ལག་འཁྱེར། Class X, XII, Bachelor’s Mark statement and degree’s copy
༤། དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས། For Tibetan Updated Green Book. For non- Tibetan, Aadhar and Voter Card
༥། ཚད་ལྡན་སྨན་ཁང་གང་རུང་ནས་ལུས་སེམས་བདེ་ཐང་ཡིན་པའི་ངོས་སྦྱོར། Medical Fitness certificate
༦། གལ་ཏེ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ཚོགས་སྡེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངེས་འབུལ་དགོས། དེ་མིན་ཚོགས་སྐྱིད་གང་དུའང་ལས་ཀ་བྱེད་མུས་མིན་པའི་ཁས་ལེན་ཡི་གེ་འབུལ་དགོས། To produce NOC If the applicant is currently employed, Or undertaking of no work commitment to any other organization.
བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༨ལ།།
]]>
༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
༢༽ བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ སྲུང་བརྩི་གཟབ་རྒྱས་ཞུས་པ།
༣༽ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འཛུགས་གནང་བ།
༤༽ ནོར་བཟང་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གཙོས་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ལས་ཡོངས་དང་མཇལ་འཕྲད་གནང་བ།
༥༽ ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དང་གྷོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་བཅས་སུ་འཚམས་གཟིགས་གནང་བ།














༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་ཀྱི་ཤེས་ཡོན་སློབ་ཁྲིད་ལ་དམིགས་ཏེ་ཨནྡྲ་པྲ་དེ་ཤ་ཡི་ས་གནས་ཀུབ་པམ་དུ་རྟེན་གཞི་བྱས་པའི་ཨ་ག་སྟ་ཡ་གསར་གཏོད་ཁོར་ཡུག་ཏུ་ཉིན་བཞིའི་རིང་རང་བཟོའི་འཁྲིད་ཆས་བརྒྱུད་དགེ་མཚན་ལྡན་པའི་སློབ་ཁྲིད་ཐབས་ལམ་གྱི་ལས་ཐོག་ཟབ་སྦྱོང་མཇུག་སྒྲིལ་གནང་བ་དང་། དེ་ནས་མུ་མཐུད་དེ་ཉིན་གཉིས་རིང་ཨང་རྩིས་འཁྲིད་ཆས་བེད་སྤྱོད་བྱེད་ཕྱོགས་ཐོག་ཟབ་སྦྱོང་ཚོགས་ཡོད།
དེ་ཡང་ཟབ་སྦྱོང་ཐོག་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་ཁག་ཡོངས་ནས་གཞི་རིམ་བར་མའི་ཚན་རིག་དགེ་རྒན་ ༢༥ དང་། ཨང་རྩིས་དགེ་རྒན་ ༢༥ བཅས་དགེ་རྒན་གྲངས་ ༥༠ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི་ཚན་རིག་དང་ཨང་རྩིས་ཀྱི་དགེ་རྒན་རྣམས་ལ་ལག་ལེན་དངོས་ཀྱི་བྱ་སྤྱོད་བརྒྱུད་དེ་སློབ་ཕྲུག་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་ཇི་ལྟར་གོང་མཐོར་གཏོང་ཐབས་ཐོག་ཡིན།
ཟླ་བ་ ༨ ཚེས་ ༢༢ ཉིན་མཉམ་ཞུགས་པ་རྣམས་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་འདུ་འཛོམས་ཀྱིས་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཤེས་རིག་ལས་ཁུངས་ནས་འཛུལ་ཞུགས་དགེ་རྒན་རྣམས་ལ་ཟབ་སྦྱོང་ངོ་སྤྲོད་དང་། དེ་རྗེས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བོད་རྒྱ་སྒྱུར་གྱི་ཤེས་ཡོན་ལམ་ལུགས་ངོ་སྤྲོད་གནང་། ཟླ་བ་ ༨ ཚེས་ ༢༣ ཉིན་མཉམ་ཞུགས་པ་རྣམས་སྦེང་ལོར་ནས་ཨནྡྲ་པྲ་དེ་ཤ་ཡི་ཀུབ་པམ་ས་གནས་སུ་ཐོན་ཡོད།
ཉིན་བཞིའི་ཟབ་སྦྱོང་དངོས་གཞི་ཨ་ག་སྟ་ཡ་ Vidyachal སློབ་གླིང་དུ་སློབ་སྟོན་ཚོགས་པའི་སློབ་སྟོན་པ་གཙོ་བོ་མཉྫུ་ནཱཐ་(Manjunath) ལགས་ཀྱི་གཙོ་སྐྱོང་འོག་ཟླ་བ་ ༨ ཚེས་ ༢༤ ཉིན་འགོ་བཙུགས་ཡོད། ཐོག་མའི་ལས་རིམ་ཁྲོད་དུ་མཉམ་ཞུགས་པ་རྣམས་སློབ་ཁྲིད་དང་སློབ་སྦྱོང་རྩ་དོན་ཐོག་གླེང་སློང་གནང་ཞིང་། སློབ་ཕྲུག་ཚོས་ཉམས་མྱོང་དང་། དྲི་བ། བགྲོ་གླེང་། ཞིབ་འཇུག བསམ་ཞིབ་བཅས་ཀྱི་ལམ་ནས་སློབ་སྦྱོང་བྱེད་པར་ནུས་པ་ཆེ་བ་ཡོད་སྐོར་གྲོས་བསྡུར་གནང་།
ལྷག་པར་དུ་ཚན་རྩིས་སློབ་ཁྲིད་ཐབས་ལམ་ “Zone of Proximal Development” དང་། 5E ཞེས་པའི་སློབ་ཁྲིད་དཔེ་གཞི་བཅས་ལ་དམིགས་བསལ་ཟབ་འཁྲིད་གནང་ཡོད། ཐབས་ལམ་འདི་དག་བརྒྱུད་དགེ་རྒན་གྱིས་སློབ་མ་གཙོ་བོར་བྱས་པའི་སློབ་ཚན་འཆར་འགོད་བྱེད་ཐབས་དང་། སློབ་མའི་སྔོན་གྱི་ཤེས་བྱ་ངོས་འཛིན་བྱེད་ཐབས། དེ་དང་འཚམ་པའི་སྒྲོམ་གཞི་མཁོ་སྤྲོད་བྱེད་ཐབས། སློབ་མ་རྣམས་ལ་རིམ་བཞིན་རང་ཉིད་ཐོག་གདེང་ཚོད་དང་། རང་དབང་ཐོག་སློབ་སྦྱོང་བྱེད་ཐུབ་པ་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་ཐབས་བཅས་ཀྱི་ཐོག་ལ་གོ་རྟོགས་ཐོབ་ཡོད། ཟབ་ཁྲིད་སྐབས་ཉེ་འཁོར་འཛིན་རིམ་བརྒྱད་པའི་རྒྱ་གར་སློབ་ཕྲུག་རྣམས་དང་ལྷན་དཔེ་སྟོན་འཛིན་གྲྭ་ཞིག་ཀྱང་ཚོགས་ཡོད་ཅིང་། དེས་མཉམ་ཞུགས་དགེ་རྒན་རྣམས་ལ་ཐད་ཀར་འཛིན་ཁང་ནང་བྱ་སྤྱོད་གཙོ་བོར་བྱས་པའི་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་ཐོག་ཤེས་རྟོགས་བྱུང་ཡོད།
ཉིན་ལྷག་མའི་རིང་ཚན་རིག་དང་ཨང་རྩིས་དགེ་རྒན་རྣམས་སྡེ་ཚན་སོ་སོར་ཕྱེས་ཏེ། དགེ་རྒན་རྣམས་ལ་རང་བཟོའི་འཁྲིད་ཆས་བཟོ་སྟངས་སློབ་སྟོན་གནང་ཡོད་པ་མ་ཟད། རང་ཉིད་ཀྱི་སློབ་ཚན་ལ་རན་པའི་ཁྲིད་ཆས་བཟོ་བྱེད་ཀྱི་ལག་ཆ་དང་དཔེ་མཚོན་བཅས་པ་ཆ་ཚང་སློབ་ཁྲིད་གནང་ཡོད།
གཞན་ཡང་མཉམ་ཞུགས་པ་རྣམས་རྒྱ་ཁྱོན་ཨེ་ཀར་ ༡༧༢ ཅན་གྱི་ཨ་ག་སྟ་ཡ་གསར་གཏོད་ཁོར་ཡུག་གི་ཤེས་ཡོན་བསྟི་གནས་ཁང་རྣམས་ལ་སྔ་དགོང་ཟབ་སྦྱོང་མིན་པའི་དུས་སྐབས་དང་བསྟུན་ནས་བཅར་ཡོད་པ་དང་། དེ་དག་ལས་ཚན་རིག་དང་ཨང་རྩིས་ཁྲིད་ཆས་ཞིབ་འཇུག་ཁང་དང་། རཱ་མཱ་ནུ་ཛན་ཨང་རྩིས་གླིང་ག སྐྱེ་དངོས་གསར་རྙེད་ལྟེ་གནས། ཨཱ་ཀཱཤ་རྒྱང་ཤེལ་ལྟ་ཞིབ་ཁང་སོགས་སུ་ཕེབས་ཡོད།
ཟླ་བ་ ༨ ཚེས་ ༢༧ ཉིན་གྱི་ཕྱི་དྲོར་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་ཟབ་ཁྲིད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དགེ་ཆེ་ཉི་མ་ཚེ་རིང་ལགས་དང་ཨང་རྩིས་རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས་རྣམ་གཉིས་ཀྱིས་ཟབ་ཁྲིད་པ་ཡོངས་ལ་ཕྱག་རྟགས་ཕུལ་ཡོད།
ཉིན་བཞིའི་ལས་རིམ་མཇུག་སྒྲིལ་རྗེས་མཉམ་ཞུགས་དགེ་རྒན་ ༤༥ སོ་སོའི་སློབ་གྲྭར་ཕྱིར་ཕེབས་དང་། དེ་མིན་སློབ་ཁག་བཞི་སྟེ་ཅན་དྷ་གྷ་རི་སཾ་བྷོ་ཊ་སློབ་གྲྭ་དང་། ཀ་སྦུག་སཾ་བྷོ་ཊ་གཏན་སློབ། རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ལ་དྭགས་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཨང་རྩིས་དགེ་རྒན་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་ཨང་རྩིས་ཁྲིད་ཆས་ཁང་གསར་འཛུགས་ཀྱི་ལས་གཞི་དང་འབྲེལ་ཨང་རྩིས་ཁྲིད་ཆས་བེད་སྤྱོད་བྱེད་ཚུལ་གྱི་ཉིན་གཉིས་ཀྱི་ཟབ་ཁྲིད་སྦྱོང་བརྡར་ཞིག་ཀྱང་ཚོགས་ཡོད་པ་དང་། མ་འོངས་པར་རིམ་པས་རོགས་དངུལ་གྱི་གྲོས་དང་བསྟུན་ནས་སློབ་ཁག་ཡོངས་ལ་དེ་ལྟར་ཨང་རྩིས་ཁྲིད་ཆས་ཁང་དང་སློབ་གྲྭའི་ནང་ཨང་རྩིས་ཁོར་ཡུག་བསྐྲུན་འཆར་ཡོད་འདུག
སྦྱོང་བརྡར་དེ་བཞིན་ཨང་རྩིས་ཤེས་ཡོན་སློབ་ཁྲིད་པ་དང་ནང་དོན་གསར་སྐྲུན་པ་གཽ་རི་ས་ཏྱ་ལགས་ཀྱིས་ཟབ་ཁྲིད་གནང་བ་དང་། ཁོང་གིས་སློབ་ཁྲིད་ཡོ་ཆས་རེ་རེའི་ངོ་སྤྲོད་གནང་བ་དང་། སློབ་ཁང་ནང་ལག་ལེན་བསྟར་ཚུལ། ཡོ་ཆས་བེད་སྤྱོད་ཐོག་ནས་ཨང་རྩིས་ཀྱི་བརྗོད་དོན་རྣམས་སློབ་མའི་ཤེས་རྟོགས་དང་བསམ་གཞིག་ཐུབ་པའི་ཐབས་ལམ་ལག་ལེན་ལ་བསྟར་ཚུལ་བསྟན་ཡོད། དེ་མིན་ཤེས་རིག་ལས་ཁུངས་ནས་བོད་ཁྱིམ་ཨང་རྩིས་རྒྱུས་སྟོན་པ་ཟུར་པ་འཕྲིན་ལས་དཔལ་མོ་ལགས་དང་ཨ་ག་སྟ་ཡ་པེར་ཤཱཝ་ལི་ལགས་ཀྱི་རྒྱབ་སྐྱོར་འོག་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་བོད་ཕྲུག་ཚོའི་ཆེད་ཨང་རྩིས་སློབ་ཁྲིད་ཡོ་ཆས་བཟོ་སྐྲུན་གནང་ཡོད།
ལས་རིམ་མཇུག་སྒྲིལ་རྗེས་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ཀྱིས་ཟླ་བ་ ༨ ཚེས་ ༣༡ ཉིན་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེ་དངོས་ཞིབ་འཇུག་ལྟེ་གནས་ཁང་ (NCBS) གི་འགན་འཛིན་སློབ་དཔོན་ཨེལ་ཨེས་ཤ་ཤི་དྷ་ར་ལགས་དང་། ཤེས་ཡོན་འགན་འཛིན་ཀིར་ཐི་ལགས་མཇལ་ཕྲད་ཀྱིས་ཁོང་རྣམས་ཀྱིས་ལོ་ལྟར་བོད་ཕྲུག་རྣམས་ཚན་རིག་ཉམས་གསོག་གི་གོ་སྐབས་གནང་བཞིན་པ་དང་། ལྷོ་ཕྱོགས་སློབ་ཁག་གི་ཚན་རིག་ཤེས་ཡོན་སྐོར་སྐྱོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་མ་འོངས་ཤེས་རིག་ལས་ཁུངས་དང་ལྷན་ལས་རིམ་གཞན་གྱི་ཐོག་ལའང་མཉམ་ལས་བྱ་རྒྱུའི་ཐོག་གོ་བསྡུར་གནང་། ཐེངས་འདིའི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་གཞུང་གིས་མཐུན་འགྱུར་གནང་ཡོད་པ་བཅས།།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༥ ཉིན་སུད་སིར་གནས་སྡོད་བོད་མི་ཉིས་བརྒྱ་ལྷག་མཉམ་འཛོམས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད། སྐབས་དེར་ཆོས་ལུགས་ཀྱི་དབུ་ཁྲིད་དང་། བོད་མི་མང་སྤྱི་འཐུས་ཟུར་པ། བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ། སྐུ་མགྲོན་བཅས་ཕེབས་ཡོད།
དེ་ཡང་སྐུ་མགྲོན་དུ་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས། གཞུང་ཁོངས་མ་ཡིན་པའི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་བསྟུན་བོད་རྒྱལ་ཁབ་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་མྱ་ངན་སྐར་མ་གཅིག་རིང་ཞུས་པ་དང་། མང་གཙོ་གསར་གཞས་བཅས་བླངས་ཡོད། དེ་ནས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་རེ་རེ་བཞིན་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་གནང་།
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མིའི་མང་གཙོའི་གལ་གནད་དང་། དེར་བོད་མི་ཚང་མར་འགན་ཁུར་ཡོད་པ་གསལ་སྟོན་གནང་། ཁོང་མོས་དེ་སྔོན་སྦར་ལིན་དུ་ཚོགས་འདུ་ཞིག་གི་ཐོག་མཉམ་ཞུགས་གནང་སྐབས་ཧོང་ཀོང་ནས་ཡིན་པའི་གཞོན་སྐྱེས་ཤིག་དང་ཐུག་འཕྲད་བྱུང་ཡོད་པ་དང་། གཞོན་སྐྱེས་དེས་རང་གི་རྒྱལ་ཁབ་ཀྱི་མ་འོངས་ཆེད་ཞབས་འདེགས་ཞུ་འདོད་ཡོད་ཀྱང་། ཇི་ལྟར་ཞུ་དགོས་མིན་ཐད་ཐེ་ཚོམ་བྱེད་བཞིན་པའི་སྐོར་གསུངས། ཉམས་མྱོང་དེས་ཁོང་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཡོད་པའི་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་རིན་ཐང་བསྐྱར་ནན་བྱུང་ཡོད་པ་འགྲེལ་བརྗོད་གནང་།
དེ་བཞིན་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱ་ནག་གི་མི་རིགས་སིམ་ཡལ་གྱི་སྲིལ་བྱུས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་ངོ་སྤྲོད་གནང་ཞིང་། ཁོང་མོས་སྲིད་བྱུས་དེ་དག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། སྲོལ་རྒྱུན། ངོ་བོ་བཅས་ལ་ཡུན་རིང་ཤུགས་རྐྱེན་ཐེབས་སྲིད་པ་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ནི་བོད་མིའི་མི་རབས་ཚང་མས་མཉམ་རུབ་ཀྱིས་འགན་འཁུར་དགོས་པ་ནན་སྐུལ་གནང་།
དེ་མཚུངས་ཁོང་མོས་བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་མི་རྣམས་ཀྱི་ལས་འགུལ་དང་། བསྒྲགས་གཏམ་བཅས་ལ་དོ་སྣང་གནང་གི་ཡོད་སྟབས་བོད་མི་ཚོས་འགན་ཁུར་དང་། སེམས་ཚོར་ལྡན་པའི་སྒོ་ནས་སྤྱི་ཚོགས་དྲྭ་ལམ་སོགས་བཀོལ་སྤྱོད་གནང་དགོས་གལ་ཡིན་པ་གསུངས།
དེ་རྗེས་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས་སྐུ་ཚབ་དོན་ཁང་གི་ཕྱི་ལོ་ ༢༠༢༢ ནས་ ༢༠༢༥ བར་གྱི་རྒྱལ་སྤྱིའི་ཞུ་གཏུག་དང་གོ་རྟོགས་ལས་རིམ་གྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད། དེའི་ནང་སུད་སི་སྐུ་ཚབ་དོན་ཁང་གི་མཉམ་འབྲེལ་རྒྱལ་ཚོགས་དང་། ཕྱི་འབྲེལ་དོན་གཅོད་ཁང་། རྒྱལ་སྤྱིའི་ཚོགས་པ། སྤྱི་ཚོགས་སོགས་དང་ལྷན་འབྲེལ་བ་གསལ་སྟོན་གནང་བ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་དོ་སྣང་རྒྱུན་འཁྱོངས་བྱ་རྒྱུའི་འབད་བརྩོན་གསལ་ཡོད་པ་བཅས།།

]]>
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༨ ཉིན་ཤེས་རིག་ལས་ཁུངས་དང་དྷ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་གོ་སྒྲིག་འོག་དྷ་སྟེང་བོད་ཁྱིམ་དུ་ཧི་མཱ་ཅལ་ཁུལ་གྱི་བོད་སློབ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དབུ་འཛུགས་གནང་ཡོད།
དེ་ཡང་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་ལམ་སྟོན་འོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། ལ་དྭགས་བོད་ཁྱིམ་བཅས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་རྣམས་བཞུགས་སྒར་དྷ་སྟེང་བོད་ཁྱིམ་དུ་ལྷན་འཛོམས་ཀྱིས། ཕྱི་ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་གྱི་རིང་། རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཤིག་དབུ་འཛུགས་གནང་ཡོད་པ་དང་། འདུ་འཛོམས་འདིའི་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་སྐུ་མགྲོན་གཙོ་བོར་ཕེབས་ཞུགས་གནང་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་སྟེ་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། ལྷག་པར་ཤེས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ནང་གི་མཐུན་རྐྱེན་སྣ་འཛོམས་ཡོད་པའི་བོད་སློབ་ཁག་གི་སློབ་མ་ཚོས། གོ་སྐབས་དམ་འཛིན་གྱིས་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་དགོས་པ་མ་ཟད། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་གདོང་ལེན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་ཐོག་ཤུགས་སྣོན་འཕར་མ་བསྐྱོན་དགོས་པའི་ཞབས་བསྐུལ་གནང་ཡོད།
དྷ་སྟེང་བོད་ཁྱིམ་དུ་འཚོགས་བཞིན་པའི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདིའི་ཐོག་ཧི་མཱ་ཅལ་མངའ་ཁོངས་དྷ་ས་དང་དེའི་ཉེ་འཁོར་གྱི་བོད་སློབ་ཁག་དང་། དེ་བཞིན་ལ་དྭགས་བཅས་ནས་ཁྱོན་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་མ་གྲངས་ ༡༨༣ ལྷན་འཛོམས་ཀྱིས། བོད་སྐད་དང་ཨིན་སྐད་ཐོག་བགྲོ་གླེང་དང་། སྙན་ཚིག་འགྱེར་འདོན། གཏམ་བརྗོད་གཟིགས་འབུལ། དེ་བཞིན་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་གི་ཡོད་པ་རེད།
གཞི་རྩའི་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་རྒྱུན་ལྡན་སློབ་ཚན་ཙམ་མ་ཡིན་པར་རྩོམ་རིག་དང་རིག་གཞུང་གི་ནུས་རྩལ་ཡར་རྒྱས་དང་། སློབ་ཕྲུག་རང་ཉིད་ཀྱི་རིག་རྩལ་དང་འཇོན་ཐང་། ནུས་པ་གོང་སྤེལ་གཏོང་ཐབས། དེ་བཞིན་སློབ་ཕྲུག་ཕན་ཚུན་དབར་ཤེས་ཡོན་གྱི་ཉམས་མྱོང་བརྗེ་རེས་ཀྱི་སྡིངས་ཆ་བསྐྲུན་རྒྱུ་སོགས་ལ་དམིགས་ཏེ། ཕྱི་ལོ་ ༢༠༢༣ ལོ་ནས་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འདི་གོ་སྒྲིག་གནང་བཞིན་ཡོད།
དྷ་ས་ཁུལ་དུ་སློབ་གྲྭ་ནང་ཁུལ་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ལས་འཆར་འདི་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སྡེ་ར་ལྡུན་ཁུལ་དང་། བྱང་ཤར་ཁུལ། ལྷོ་ཕྱོགས་ཁུལ་དུའང་བོད་སློབ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོགས་ཀྱི་ཡོད།།






༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་ཝོལ་ཀེར་ཊུརྐ་ (Volker Turk) མཆོག་གིས་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་བོད་མིའི་ཆོས་དད་རང་དབང་ཐོག་བཀག་སྡོམ་ལ་སེམས་འཚབ་བསྟན་ཡོད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ པའི་དབུ་འབྱེད་ཐོག་སྐུ་ཞབས་ཝོལ་ཀེར་ཊུརྐ་མཆོག་གིས་འཛམ་གླིང་སྟེང་དམག་འཁྲུག་དང་། སྤྱི་ཚོགས་ཀྱི་རང་དབང་ལ་སྟངས་འཛིན། མི་རིགས་དབྱེ་འབྱེད། ཉམ་ཐག་དང་གྲངས་ཉུང་མི་རིགས་ལ་བརྩི་མེད་རྡོག་རོལ་སོགས་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གསལ་སྟོན་གནང་ཡོད།
དེ་བཞིན་ཁོང་གིས་དམིགས་བསལ་བོད་མི་རྣམས་ཀྱི་ཆོས་དད་རང་དབང་ལ་དབྱེ་འབྱེད་བཞིན་པའི་དམ་དྲག་ནི་ཧ་ཅང་སེམས་འཚབ་སྐྱེ་གཞི་ཞིག་ཡིན་ཞེས་གསུངས་པ་དང་། བོད་མི་ཐོག་འཛིན་པའི་སྲིད་བྱུས་དེ་དག་འཕྲལ་དུ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད།
བོད་ནང་ཆོས་ལུགས་དང་། རིག་གཞུང་གི་ཐོབ་ཐབ་ལ་བཀག་སྡོམ་བྱེད་བཞིན་པའི་ཐད་སེམས་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་སྐུ་ཞབས་ཝོལ་ཀེར་མཆོག་གི་བསྒྲགས་གཏམ་འདི་ནི་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཁོང་གི་འབོད་སྐུལ་འདིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་དགོས་པ་དང་། བོད་མི་རྣམས་ལ་བཀག་སྡོམ་མེད་པར་རང་གི་ཐོབ་ཐང་དང་རང་དབང་བཀོལ་སྤྱོད་བྱ་རྒྱུའི་གལ་གནད་མཚོན་གྱི་ཡོད།
སུད་སི་སྐུ་ཚབ་དོན་ཁང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་སྣང་གནང་བར་དགའ་བསུ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་སྟེང་བོད་ཀྱི་ཆོས་དང་། རིག་གཞུང་། དེ་བཞིན་གཞི་རྩའི་ཐོབ་ཐབ་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་བསྐྱར་ནན་གནང་ཡོད། སྐུ་ཚབ་དོན་ཁང་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་དང་། ཕྱི་འབྲེལ་ལས་དོན། རྒྱལ་སྤྱིའི་མཐུན་གྲོགས་བཅས་དང་མུ་མཐུད་འབྲེལ་བ་གནང་སྟེ་བོད་ནང་གི་ཡར་རྒྱས་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ནང་ཚུད་པ་བྱ་རྒྱུ་ཡིན་པ་གསུངས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་སྤྱིའི་མཉམ་ལས་དང་། འགན་ཁུར། ཡུན་རིང་ཞི་བདེའི་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པ་བསྐྱར་ནན་གནང་བ་དང་། སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་དེང་རབས་འཛམ་གླིང་གི་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྒྲོམ་གཞི་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་།།
]]>
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༦ ཉིན་ཉི་འོང་དང་ལྷོ་ཀོ་རི་ཡར་གནས་སྡོད་བོད་མི་རྣམས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༦ སྲུང་བརྩི་ཞུས་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། ཉི་འོང་བོད་རིགས་ཚོགས་པའི་ཚོགས་གཙོ་ཤི་ཡོ་ཏ་རྡོ་རྗེ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་ཕུལ་གྲུབ་རྗེས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོ་གསར་གཞས་བླངས།
དེ་ནས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་འབྲེལ། ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་བཙན་བྱོལ་དུ་མང་གཙོ་ལག་བསྟར་གཙང་མ་གནང་དགོས་པ་ནན་སྐུལ་གནང་། དེ་བཞིན་ཟླ་བ་ ༠༧ ཚེས་ ༠༢ ཉིན་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་ཡིད་སྐྱོའི་གནས་ཚུལ་དྲན་སྐུལ་གནང་།
ཉི་འོང་བོད་རིགས་ཚོགས་པའི་ཚོགས་གཙོ་ཤི་ཡོ་ཏ་རྡོ་རྗེ་ལགས་དང་། ལྷོ་ཀོ་རི་ཡ་བོད་རིགས་ཚོགས་པའི་དགེ་བཤེས་བསྟན་འཛིན་བཟང་པོ་ལགས་རྣམ་གཉིས་ཀྱིས་སོ་སོའི་ས་གནས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལྟ་གྲུབ་ལ་བརྩི་བཀུར་དགོས་པ་དང་། ཆོལ་ཁའི་འཐེན་ཁྱེར་མེད་པར་མཐུན་སྒྲིལ་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་མཚུངས་ཉི་འོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་སྦྲགས། ཉི་འོང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་དང་རོགས་རམ་གནང་བར་བསྔགས་བརྗོད་ཞུ་དགོས་པའི་སྐུལ་མ་གནང་། སྐབས་དེར་ཕེབས་པའི་ཚོགས་བཅར་ཚོས་ལས་རིམ་གོ་སྒྲིག་བྱེད་ཕྱོགས་དང་། བོད་དོན་དང་འབྲེལ་བའི་ལས་རིམ་ཐོག་བོད་མི་རྣམས་ནས་མཉམ་ཞུགས་གང་མང་གནང་དགོས་གལ་སོགས་ཀྱི་ཐོག་དགོངས་ཚུལ་གསུངས་ཡོད།
དེ་ཡང་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོ་སྔ་རོལ་དུ་བོད་མི་དང་ཉི་འོང་བ་ཁག་གཅིག་སྐུ་ཚབ་དོན་ཁང་དུ་མཉམ་འཛོམས་ཀྱིས་ཉེ་ཆར་བོད་བལ་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་གོད་ཆག་ཁྲོད་ཚེ་སྲོག་ཤོར་མཁན་དང་གནོད་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་མཚོན་ཆེད་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་དང་། ཁོང་ཚོས་རྒྱ་གཞུང་གི་གོད་ཆག་དེར་གདོང་ལེན་བྱེད་སྟངས་ལ་འདོད་བློ་མ་ཁེངས་པའི་རྣམ་པ་བསྟན་ཡོད། སྐབས་དེར་པོ་ཏ་ལ་མཐོ་སློབ་ཀྱི་དཀོན་མཆོག་སྲི་མཐར་ལགས་ཕེབས་ཞུགས་གནང་ཡོད།
དེ་བཞིན་གོང་ཚེས་ཉིན་ཉི་འོང་བོད་རིགས་ཚོགས་པའི་ལོ་གཉིས་ཀྱི་ལས་ཡུན་མཇུག་སྒྲིལ་རྒྱུ་ཡིན་སྟབས་དྲ་ཐོག་འོས་བསྡུ་གནང་སྟེ་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་གསར་པ་རྣམས་འོས་འདེམས་གནང་ཡོད་པ་བཅས།།
]]>




༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༥ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་འོང་གི་ས་ཡི་ཏ་མའི་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི ཧན་ནོ་བོད་དོན་སྦྱོང་སྟེགས་ (Hanno Tibet Study Group) ཞེས་པའི་གོ་སྒྲིག་གནང་བའི་བོད་དོན་གསུང་བཤད་ལས་རིམ་ཐོག་ཆེད་ཕེབས་ཀྱིས་བོད་དོན་དང་བོད་ཀྱི་ད་ལྟའི་གནས་སྟངས་ཐོག་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་བོད་དོན་སྦྱོང་སྟེགས་ཀྱི་ཚོགས་གཙོ་འབུམ་རམས་པ་ནི་ཤི་ཀུ་ར་ཚེ་དབང་ལགས་ཀྱིས་ཕེབས་བསུ་དང་འབྲེལ། སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ངོ་སྤྲོད་གནང་ཡོད། ཁོང་གིས་ཚོགས་བཅར་བ་རྣམས་ལ་ཚོགས་པ་དེ་ཉིད་ཀྱི་བྱེད་སྒོ་ཁག་ངོ་སྤྲོད་དང་། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དང་། བོད་མིའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་སྐོར་གླེང་སློང་གནང་ཡོད།
དེ་རྗེས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་དང་ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་དོ་སྣང་གནང་བ་དང་། ཁོང་ལ་བོད་ཀྱི་གནས་ཚུལ་དང་ད་ལྟའི་གནས་སྟངས་སྐོར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་ཉི་འོང་སྐུ་ཚབ་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་དང་། ཉི་འོང་གི་གཞུང་དང་། གྲོས་ཚོགས། མང་ཚོགས་བཅས་དང་ལྷན་བོད་མིའི་ཞི་བདེ་དང་རང་དབང་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་ཆེད་འབྲེལ་བ་ཇི་ལྟར་བྱེད་བཞིན་པའི་སྐོར་ངོ་སྤྲོད་གནང་།
དེ་བཞིན་ཁོང་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་དང་། ཉེ་ལམ་ཟླ་བ་ ༠༧ ཚེས་ ༠༢ ཉིན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་དགོས་དོན། རྒྱ་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་ལ་དྲག་གནོན་དང་ཆོས་ཕྱོགས་ཀྱི་གནད་དོན་ཐོག་ཐེ་བྱུས་དང་སྟངས་འཛིན་བྱེད་བཞིན་པ། བོད་ཕྲུག་རྣམས་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་སྐོར་འགྲེལ་བརྗོད་གནང་།
དེ་མཚུངས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་ལམ་བོད་བལ་ས་མཚམས་སུ་ཆུ་ལོག་གི་གོད་ཆག་བྱུང་བ་དེ་བཞིན་རང་འབྱུང་གི་གོད་ཆག་མིན་པར་རྒྱ་གཞུང་གིས་དམག་དཔུང་རྒྱ་སྐྱེད་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག ཆུ་མཛོད་འཛུགས་སྐྲུན་སོགས་ལས་བྱུང་བའི་མི་བཟོས་གོད་ཆག་ཅིག་ཡིན་པ་གསུངས།
ཁོང་གིས་ཚོགས་བཅར་བ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་དང་འབྲེལ་ཚང་མས་རྒྱུད་ལ་བྱམས་སྙིང་རྗེ་དང་། བརྩེ་བ་གོང་སྤེལ་གཏོང་དགོས་པའི་སྐུལ་མ་གནང་གྲུབ་རྗེས་དྲི་བ་དྲིས་ལན་གྱི་ལེ་ཚན་ཞིག་ཚོགས་ཡོད། གསུང་བཤད་ཀྱི་ལས་རིམ་དེ་བོད་དོན་སྦྱོང་སྟེགས་ཚོགས་པའི་ཚོགས་མི་ཙུ་ཛུ་ཇིའི་གཙོ་སྐྱོང་གནང་ཡོད།
མཐར་ཚོགས་བཅར་བ་རྣམས་ནས་སྐུ་ཚབ་དོན་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ལོ་དྲུག་གི་ལས་ཡུན་རྫོགས་པར་འཚམས་འདྲི་ཞུས་པ་དང་། ཁོང་གིས་བོད་མིའི་སྤྱི་ཚོགས་ལ་མུ་མཐུད་ཞབས་ཞུ་སྒྲུབ་རྒྱུར་སྨོན་འདུན་ཞུས་ཡོད། སྐབས་དེར་ཉི་འོང་སྐུ་ཚབ་དོན་ཁང་གི་ལས་བྱེད་ཚེ་ལྷ་ལགས་ཀྱིས་ངོ་སྤྲོད་དེབ་ཆུང་དང་དཔེ་དེབ་ཁག་གཅིག་འགྲེམས་སྤེལ་ཞུས་ཡོད་པ་བཅས།།
]]>
༄༅། །འདི་གར་ཚེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནས། སྐོར་སྐྱོད་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་གཅིག་ལྕོགས་ཁྲིམས་དྲུང་བསྟན་འཛིན་དཔལ་འབྱོར་ལགས་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བསྩལ་ཏེ། ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢ ཉིན་རྒྱབ་ཆུ་ཚོད ༢༌༣༠ ཐོག་དྲྭ་སྣང་བརྒྱུད་ར་ཝང་ལ་ཀུན་ཕན་གླིང་ས་གནས་འཐུས་ཚོགས་སྐབས་ ༡༢ པའི་འདེམས་ཐོན་ཚོགས་མི་གྲངས་ ༡༣ ཡོད་པའི་ནང་ནས་ཚོགས་མི་ ༡༢ རིམ་པའི་བཞིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་ནས་ས་གནས་འཐུས་མིའི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་འདུག་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་ཐུབ་བསྟན་ལགས་དང་ཚོགས་གཞོན་དུ་དབུ་རྒྱན་ཆོས་འཕེལ་ལགས་རྣམ་གཉིས་འོས་ཐོན་གྱིས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་ནས་ས་འཐུས་འཐུས་མིའི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་དམ་འབུལ་བཞེས་གནང་འདུག
སྐབས་དེར་དམ་འབུལ་གྱི་མཛད་རིམ་འོག་འཛུགས་མ་ཞུས་གོང་། འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་དཔལ་འབྱོར་ལགས་ནས་ར་ཝང་ལའི་ས་འཐུས་ཚོགས་ཁང་ནང་འདུ་འཛོམས་ཞུས་པའི་ས་འཐུས་སྐབས་ ༡༢ པའི་གསར་འདེམས་ཚོགས་མི་གཙོས་པའི་ས་གནས་འོས་བསྡུ་འགན་འཛིན་ནམ་ས་གནས་འགོ་འཛིན་ལས་ཚབ་བསྟན་འཛིན་ཆོས་དབྱིངས་ལགས་དང་། འོས་བསྡུའི་ཚོགས་མི་བཅས་ཁྱོན་མི་གྲངས་ ༢༠ ཙམ་ལ་ས་གནས་འཐུས་ཚོགས་དང་འབྲེལ་བའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ཁག་གཅིག་ངོ་སྤྲོད་གནང་འདུག་པའི་གནས་ཚུལ་དུ། །

]]>